གློག་བརྙན་མང་པོ་ཞིག་ནི་མགོ་ནས་བལྟས་པ་དང་མཉམ་དུ་འོག་གི་མཇུག་བསྡུ་ཚུལ་ཡང་ཕལ་ཆེར་སྔོན་དཔག་བྱེད་ཐུབ་ལ། དེ་ཡང་ལྷག་པར་དུ་ཀྲུང་གོའི་གློག་བརྙན་མང་པོ་ཞིག་དེ་འདྲ་རེད། སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་གཞན་དང་འདྲ་བའམ་གཞན་གྱི་ལད་ཟློས་ཙམ་ལས་མེད་ན་དེ་ནི་འགྲེམས་སྟོན་གྱི་ཁྲོད་ནས་ལྷག་མ་དང་། མིའི་ནང་སེམས་ལ་མཚོན་ན་དམིགས་བསལ་གྱི་ཚོར་སྣང་ཡལ་བའི་བསྐྱར་ཟློས་འབའ་ཞིག་ལས་མེད་པས་དེ་ལ་བཏང་བའི་དུས་ཚོད་ཀྱང་སྟོང་ཟད་ཅེས་པ་དེ་ཡིན་ངེས། ང་ལ་མཚོན་ན་ཁ་སང་ཁས་ཉིན་གྱི་ངལ་གསོའི་དུས་ཚོད་ལ་གློག་བརྙན་མང་ཙམ་བལྟས་ཤིང་། དེའི་ནང་ནས་ཀྱང་གཤམ་གྱི་གློག་བརྙན་འདི་ནི་ངས་སྔོན་དཔག་འཆུགས་ཡོད་པའི་གློག་བརྙན་གཅིག་པུ་དེ་ཡིན། འདིའི་མིང་ལ་རྒྱ་ཡིག་ཏུ་ 云端之上ཞེས་བྲིས་ཡོད་ཅིང་། བརྗོད་དོན་མི་སྣ་ལ་གཙོ་བོ་མིང་སྲིང་གཉིས་དང་། སྙིང་ཉེ་བའི་བྱིས་པ་གསུམ། ད་དུང་ཨ་ཕྱི་རྒན་པ་གཅིག་སྟེ། མི་དེ་རྣམས་རང་རང་ལ་ཡོད་པའི་ལས་དབང་རེ་རེ་ཡིས་གློག་བརྙན་འདིའི་ཐོག་མཐའ་བར་གསུམ་ཤ་ཚ་བ་དང་ཅི་བྱ་གཏོལ་མེད་ཀྱི་སྣང་བས་ཁྱབ་ཡོད་པ་དང་། ལྷག་ཏུ་ཆེས་མཐའ་མཇུག་གི་མཇུག་བསྡུ་ཚུལ་ལ་སེམས་མ་བདེ་བའི་སྣང་བ་ཁོ་ན་ཡིས་གང་འདུག། དེ་ཡང་མ་རེད་དེ། གློག་བརྙན་འདི་ལ་མཇུག་སྐྱོང་ཚུལ་ཞིག་མེད་པར་གློག་བརྙན་འདིའི་བརྗོད་དོན་ནི་གློག་བརྙན་རང་གིས་བརྗོད་མ་ཐུབ་པར་བལྟ་མཁན་རེ་རེའི་ཚོར་སྣང་གིས་མཇུག་སྐྱོང་དགོས་པ་ཞིག་རེད།


云端之上Beyond the Clouds(2017)

又名:云之上 / Floating Gardens

上映日期:2019-05-24(中国大陆)/2017-10-13(伦敦电影节)/2018-04-20(印度)片长:120分钟

主演:伊沙恩·哈塔尔 马拉维卡·莫哈南 哥泰·高斯 莎拉达 塔妮莎 

导演:马基德·马基迪 编剧:迈赫兰·卡沙尼 Mehran Kashani/马基德·马基迪 Majid Majidi

云端之上的影评

LikX
LikX • 善恶